Skip to content

久美成列

策展人语

久美成列,藏区电影的新星,24岁完成他第一部长片《一个和四个》(2021),入围东京国际电影节主竞赛单元。他的爸爸万玛才旦是中国藏区新浪潮电影最重要推手,《他们在高原上拍电影》(2017)是久美在进入以藏族为主要创造团队剧组的跟拍记录。藏族电影人亲密的关系和对电影的共同热爱,让我们在这部影片看到一种力量。

久美成列采访

导演:久美成列

民族:藏族

本名族语言的名字:འཇིགས་མེད་འཕྲིན་ལས།

导演简介:久美成列,青年编剧、导演。毕业于北京电影学院导演系本科。在校期间创作了六部短片,参与了管虎导演的《老炮儿》、拉华加导演的《旺扎的雨靴》、万玛才旦导演的《撞死了一只羊》、《气球》等作品。短片作品曾在哥伦比亚大学、多伦多大学及拉萨“开始单元”展映交流。纪录长片《红鞋先生》正在制作阶段中。长片处女作《一个和四个》入围第34届东京国际电影节主竞赛单元。

《秋日奏鸣曲》

下一部影片计划

《小丑朝圣记》(后期制作中)                                                 

101天,玉树囊谦到拉萨,一个中年汉族男演员的自我寻找之旅。

党浩予,43岁,东北抚顺人。毕业于中央戏剧学院96级表演系明星班。他以演员身份在娱乐圈拼闯多年,但因为心直口快得罪了不少人。后来他转向创作,也因为种种障碍没能坚持下来。在认识上师撒卓仁波切后,他将生活的重心转向藏传佛教的修行,修持内心,并发愿磕长头前往拉萨。

2020年,7月15日,他从玉树囊谦县三步一磕前往拉萨。起初,他将磕长头想得简单,以为有颗恒心和坚强的身体就能到达,却在准备阶段就遭遇种种困难。他说,看来磕长头最重要的不是到达拉萨,而是所有的这些过程。

一路上,他克服了种种外部和内部的障碍,认识到这一路上最重要的就是脚下这三步,并发自内心地开始尊重身边的一切,无论是逆境还是帮助。

最终,他在2020年10月23日抵达拉萨,完成了一次自我成长和探索的旅程。


བརྙན་མིང་། ཁོ་ཚོས་མཐོ་སྒང་ན་གློག་བརྙན་ལས་བཞིན་འདུག

རིང་ཐུང་། སྐར་མ་༢༧་དང་སྐར་ཆ་༥༡།

རིགས། དངོས་བཤུས་གློག་བརྙན།

སྐད་རིགས། བོད་སྐད། རྒྱ་སྐད།

བརྗོད་དོན་ཉིང་བསྡུས།

༢༠༡༧ལོའི་དབྱར་ཁར།བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་གྱི་ཐོག་མའི་བརྩམས་ཆོས་༼ཆུ་ལྷམ་ཆུང་ཆུང༽་ཞེས་པ་མཚོ་སྔོན་ཞིང་ཆེན་མཚོ་ཤར་བོད་རིགས་རང་སྐྱོང་ཁུལ་གྱི་ཐར་རྒྱ་སྡེ་བ་ནས་བརྙན་ཕབ་ཀྱི་འགོ་བརྩམས། དེ་ནས་ཟླ་གཉིས་ཀྱི་རྗེས་སུ།བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན༼ལག་དམར༽ཞེས་པའང་མཚོ་སྔོན་ཡུལ་ཤུལ་ནས་ཕབ་སྐྲུན་འགོ་བརྩམས། གཏམ་རྒྱུད་རིམ་བཞིན་གློག་བརྙན་གཉིས་ཀྱི་ཕབ་སྐྲུན་མི་སྣ་ནས་འགོ་བརྩམས་ཏེ། བྱེ་བྲག་གློག་བརྙན་འཁྲབ་སྟོན་པ། ལག་བསྟར་འཁྲབ་ཁྲིད་པ། མཛེས་རིས་ལག་རོགས་པ། མང་ཚོགས་འཁྲབ་སྟོན་པ་སོགས་ནས་གཞི་བྱས་ནས། བོད་ཀྱི་ཉེ་རབས་གློག་བརྙན་ལས་རིགས་འཕེལ་རྒྱས་ཀྱི་ཟུར་ཞིག་བསྟན་ཡོད། དེ་མིན་སྡེ་ཚན་བཞི་ནས་བོད་ཀྱི་གློག་བརྙན་མི་སྣ་དང་། ཁོ་ཚོ་དང་གློག་བརྙན་བར་གྱི་ལས་འབྲེལ། ལས་རིགས་ཁྲོད་ཀྱི་རང་ཉིད་ཀྱི་ངོས་ཟིན། ད་དུང་གློག་བརྙན་རང་སྟེང་ལ་ངོས་ཟིན། མ་འོངས་པའི་རེ་ལྟོས་སོགས་ལ་ཅུང་བདེ་བའི་སྒོ་ནས་ཞིབ་དཔྱད་བྱས་ཡོད།

འཁྲབ་ཁྲིད་པའི་རྒྱས་བཤད།

གློག་བརྙན་ལས་རིགས་སུ་འབད་བཞིན་པའི་བོད་ཀྱི་གཞོན་སྐྱེས་པ་ཞིག་ལ་མཚོན་ན། རང་གི་སྤྱི་ཚོགས་ཀྱི་ཉམས་མྱོང་དང་གློག་བརྙན་རང་སྟེང་ལ་ངོས་ཟིན་ཟབ་མོ་ཞིག་ཡོད་པའི་པའི་རྗེས་སུ། ངས་ང་དང་ང་ལྟ་བུའི་གློག་བརྙན་ལས་རིགས་སུ་འཇུག་བཞིན་པའི་བོད་ཀྱི་གཞོན་སྐྱེས་པ་དག་ཅི་ལྟར་གློག་བརྙན་ལས་རིགས་ཁྲོད་དུ་རྐང་ཚུགས་དགོས་པ་དང་། ཡང་ཅི་ལྟར་ལས་རིགས་སུ་འཇུག་དགོས་པའི་ཐད་དུ་བསམ་བློ་བཏང་མྱོང་པ་ཡིན། དེ་བས། ངས་གློག་བརྙན་ཕབ་སྐྲུན་ཚོགས་པའི་ཁྲོད་ཀྱི་ལས་རྐང་མི་འདྲ་བའི་ན་གཞོན་ལས་རིགས་པ་དང་། ཁོ་ཚོ་དང་གློག་བརྙན་བར་གྱི་ལས་འབྲེལ་ཅི་ལྟར་བྱུང་ཚུལ་སོགས་ལ་རྒྱུས་ལོན་བྱས་ཏེ། ཁོ་ཚོས་གློག་བརྙན་ལ་བཟུང་བའི་རྣམ་འགྱུར་དང་།ངོས་ཟིན། དེ་མིན་མ་འོངས་པའི་འཆར་གཞི་སོགས། མདོར་ན། བོད་ཀྱི་གློག་བརྙན་ལས་རིགས་པ་ནི་རྣམ་པ་མང་པོའི་ངོས་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་ཐུབ། བརྙན་ཐུང་འདི་ནི་ངའི་སློབ་ཆེན་ལོ་རིམ་གཉིས་པའི་ལས་བྱ་ཡིན་ལ། དེ་དུས་ང་རང་ཉིད་ཀྱང་བརྙན་ཕབ་ཚན་ཆུང་དུ་ཞུགས་ཏེ། རང་གི་ལས་ཀའི་ཞོར་ནས་ཧ་ཅང་སྟབས་བདེ་བའི་ངང་ནས་བརྙན་ཐུང་འདི་བརྙན་ཕབ་བྱས་པ་ཞིག་ཡིན། བརྙན་ཐུང་ཁྲོད་དུ་མི་འདང་ས་མང་པོ་ཞིག་མཆིས་སྲིད་མོད། ཡིན་ཡང་། དེ་དུས་ཀྱི་ངའི་གསར་རྩོམ་ངང་ཚུལ་དང་བསམ་གཞིགས་མང་པོ་ཞིག་གང་ལ་གང་འཚམ་གྱིས་མཐོང་ཐུབ་ངེས། ངའི་རེ་བ་ལ། བརྙན་ཐུང་འདིར་མུ་མཐུད་དུ་ཁ་གསབ་དང་། བོད་ཀྱི་གློག་བརྙན་གསར་སྐྲུན་གྱི་གོ་རིམ་མུ་རུ་ཟིན་འགོད་བྱས་ཏེ། ༼ཁོ་ཚོས་མཐོ་སྒང་ན་གློག་བརྙན་ལས་བཞིན་འདུག༽ཅེས་པའི་དངོས་བཤུས་གློག་བརྙན་རིང་གྲས་ཤིག་བཟོ་ཐུབ་ན་བསམ་འོངས། ངས་བསམ་ན་དེ་ནི་ཧ་ཅང་རིན་ཐང་ལྡན་པའི་ལས་ཤིག་རེད།  

འགྲན་ཞུགས་གནས་ཚུལ། ཀོ་རོན་པི་ཡ་སློབ་ཆེན་དང་། ཁྲོ་རོན་ཁྲོ་སློབ་ཆེན། ལྷ་སའི“འགོ་རྩོམ་པའི་སྡེ་ཚན”

འཁྲབ་ཁྲིད་པ། འཇིགས་མེད་འཕྲིན་ལས།

མི་རིགས། བོད།

འཁྲབ་ཁྲིད་པ་འཚམས་སྦྱོར།

འཇིགས་མེད་འཕྲིན་ལས། བོད་རིགས། ན་གཞོན་འཁྲབ་གཞུང་རྩོམ་པ་པོ་དང་། གློག་བརྙན་འཁྲབ་ཁྲིད་པ། ཉིས་སྟོང་ཉི་ཤུ་ལོར་པེ་ཅིང་གློག་བརྙན་སློབ་གླིང་ནས་དངོས་གཞིའི་སློབ་མཐར་ཕྱིན། སློབ་ཆེན་སྐབས་སུ་བརྙན་ཐུང་དྲུག་བཟོས་མྱོང་། དེ་མིན་རྒྱའི་འཁྲབ་ཁྲིད་པ་ཀོན་ཧྭོའི་གློག་བརྙན༼ཁྲམ་པ༽དང་།ལྷ་དཔལ་རྒྱལ་གྱི་གློག་བརྙན༼ཆུ་ལྷམ་ཆུང་ཆུང༽། པདྨ་ཚེ་བརྟན་གྱི༼ལག་དམར༽།དང་༼དབུགས་ལྒང༽སོགས་ཀྱི་ཕབ་སྐྲུན་ལས་ཀར་ཞུགས་མྱོང་། ཁོའི་བརྙན་ཐུང་བརྩམས་ཆོས་དག་ཀོ་རོན་པི་ཡ་སློབ་ཆེན་དང་། ཁྲོ་རོན་ཁྲོ་སློབ་ཆེན། ལྷ་སའི“འགོ་རྩོམ་པའི་སྡེ་ཚན”སོགས་སུ་གཟིགས་འབུལ་དང་བསམ་ཚུལ་སྤེལ་རེས་བྱས་མྱོང་། མཐར་ཕྱིན་བརྩམས་ཆོས་ཀྱི་གློག་བརྙན་རིང་གྲས༼གཅིག་དང་བཞི༽ཞེས་པ་དང་། ༼སྐུ་ཞབས་ཞབས་དམར༽ཞེས་པའི་དངོས་བཤུས་གློག་བརྙན་ད་ལྟ་མཐའ་མའི་ལས་སུ་འཇུག་བཞིན་ཡོད།

བརྩམས་ཆོས་ལ། དངོས་བཤུས་བརྙན་ཐུང་ལ་༼གོན་པ་བརྗེ་བ༽དང་ ༼ཁོ་ཚོས་མཐོ་སྒང་ན་གློག་བརྙན་ལས་བཞིན་འདུག༽།

གཏམ་རྒྱུད་བརྙན་ཐུང་ལ། ༼ཡུལ་ལ་ལོག་པ༽། ༼དྲན་པ༽། ༼ཐར་བ༽བཅས་ཡོད།

མ་འོངས་བའི་འཆར་གཞི། ༼གཅིག་དང་བཞི།༽ ༼སྐུ་ཞབས་ཞབས་དམར༽